September 6, 2024
8 mins read

ཧྥ་རན་སིའི་འགྲེམས་སྟོན་ཁང་འགས་བོད་མིང་རྒྱ་གཞུང་གི་མངོན་འདོད་ལྟར་བེད་སྤྱོད་བྱས་པར་ཕྱི་མི་བོད་རིག་པ་བ་འགས་སྐྱོན་བརྗོད་བྱས།

ཟླ་འདིའི་ཚེས་༤ ་ཉིན་(artnet) ་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཧྥ་རན་སི་ལ་ཡོད་པའི་ཞིབ་འཇུག་པ་དང་བོད་རིག་པ་བ་ཁག་ཅིག་གིས་(Le Monde) ་ཞེས་པའི་ཚགས་པར་ནང་རྩོམ་ཡིག་ཅིག་སྤེལ་ནས་ཧྥ་རན་སིའི་ནང་གི་འགྲེམས་སྟོན་ཁང་རེ་འགས་རྒྱ་གཞུང་གི་མངོན་འདོད་དང་མཐུན་པའི་ཐ་སྙད་བེད་སྤྱོད་བྱེད་བཞིན་པར་སྐྱོན་བརྗོད་བྱས་ཡོད་འདུག

ཧྥ་རན་སིའི་རྒྱལ་སའི་ནང་འཛམ་གླིང་ས་ཁུལ་གང་ས་ནས་མཁོ་སྒྲུབ་བྱས་པའི་དངོས་པོ་ས་ཡ་གཅིག་ལྷག་ཙམ་ཡོད་པའི་འགྲེམས་སྟོན་ཁང་(du quai Branly) ཞེས་པ་ཞིག་དང་། དེ་བཞིན་ཕྱི་ལོ་༡༨༨༩ ལོ་གསར་འཛུགས་བྱས་པའི་རྒྱལ་ཡོངས་འགྲེམས་སྟོན་ཁང་(Musée Guimet) ཞེས་པ་གཉིས་ཡོད་འདུག་པ་དང་།

ཞིབ་འཇུག་པ་དང་བོད་རིག་པ་བ་ཁག་ཅིག་གིས་འགྲེམས་སྟོན་ཁང་དེ་གཉིས་ཀྱིས་རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་འབྲི་བྱས་པ་དང་རྒྱ་མི་མ་ཡིན་པའི་མི་རིགས་རྩ་མེད་བཟོ་རྒྱུའི་འཆར་གཞི་དང་མཐུན་པའི་ཐ་སྙད་དག་བེད་སྤྱོད་བྱེད་རྒྱུར་མོས་མཐུན་བྱས་པ་རེད་ཅེས་སྐྱོན་བརྗོད་བྱས་འདུག སྐྱོན་བརྗོད་འདི་ནི་རྒྱ་ནག་དང་ཧྥ་རན་སིའི་དབར་རིག་གཞུང་བརྗེ་རེས་ཀྱི་ལོ་ཞིག་ཏུ་ངོས་འཛིན་བྱེད་པའི་སྐབས་སུ་བྱུང་ཡོད་འདུག

ཚགས་ཤོག་ཐོག་རྩོམ་སྤེལ་མཁན་ཚོས་ཡུ་རོབ་ཀྱི་ཕྱི་རོལ་ནས་བྱུང་བའི་མི་རིགས་རིག་པའི་དངོས་རྫས་དང་གདོད་མའི་སྒྱུ་རྩལ་གྱི་འགྲེམས་སྟོན་གཙོ་བོ་ཡོད་སའི་འགྲེམས་སྟོན་ཁང་(du quai Branly) ཞེས་པས་བོད་ཀྱི་དངོས་རྫས་རྣམས་ཤི་ཙང་(Xizang) རང་སྐྱོང་ལྗོངས་ནས་བྱུང་བ་ཡིན་ཞེས་བསྐྱར་སྒྲིག་བྱས་ཡོད་པ་དང་།

རྩོམ་པ་པོ་ཚོས་འགྱུར་བ་དེས་ཕྱི་ལོ་༡༩༥༠ ནས་བོད་བཙན་བཟུང་བྱས་པ་དང་མི་སེར་སྤེལ་ཡུལ་དུ་བསྒྱུར་བའི་བོད་དེ། ས་ཁྲ་དང་མི་རྣམས་ཀྱི་བསམ་བློ་ནས་ད་ལྟ་དང་མ་འོངས་པར་རྩ་མེད་བཟོ་དགོས་པའི་འདུན་པ་གསལ་པོར་མཚོན་གྱི་ཡོད་ཅེས་བཤད་འདུག

དེ་དང་དུས་མཚུངས། ཨེ་ཤེ་ཡའི་ཕྱི་རོལ་དུ་ཨེ་ཤེ་ཡའི་སྒྱུ་རྩལ་གྱི་འགྲེམས་སྟོན་ཆེ་ཤོས་གྲས་ཤིག་ཡིན་པའི་(Guimet) ཞེས་པའི་འགྲེམས་སྟོན་ཁང་གིས་བོད་ཅེས་པའི་མིང་བྱང་དེ་ཧི་མ་ལ་ཡའི་འཇིག་རྟེན་ཞེས་པའི་མིང་བྱང་ལ་བསྒྱུར་ཡོད་འདུག

དེ་བཞིན་རྩོམ་པ་པོ་ཚོས་ནན་ཊེ་སི་(Nantes) ་ལོ་རྒྱུས་འགྲེམས་སྟོན་ཁང་གིས་ཕྱི་ལོ་༢༠༢༣ ལོར་འགོ་བཙུགས་པའི་ཇིང་གྷིར་སི་ཁཱན་(Genghis Khan) ་ཐོག་གི་འགྲེམས་སྟོན་ལ་རྒྱ་ནག་གིས་ཐེ་ཇུས་བྱས་པ་དེ་ཁས་ལེན་བྱས་མེད་པར་བསྔགས་བརྗོད་བྱས་འདུག འགྲེམས་སྟོན་ཁང་གིས་རྒྱ་ནག་ནས་དངོས་པོ་གཡར་ལེན་བྱ་རྒྱུའི་འཆར་གཞི་ལས་ཕྱིར་འཐེན་བྱས་ཡོད་འདུག

རྩོམ་ཡིག་ནང་མིང་རྟགས་འགོད་མཁན་གྱི་གྲས་སུ་བོད་རིག་པ་བ་(Jean-Luc Achard), (Stéphane Arguillère), (Katia Buffetrille,)  (Fernand Meyer) བཅས་ཡོད་འདུག ཁོང་ཚོས་ཧྥ་རན་སི་ལ་ཡོད་པའི་གྲགས་ཆེན་འགྲེམས་སྟོན་ཁང་གཉིས་ཀྱིས་རྒྱ་ནག་གི་མངོན་འདོད་དང་མཐུན་པའི་ཐ་སྙད་བེད་སྤྱོད་བྱེད་བཞིན་པར་སྐྱོན་བརྗོད་བྱས་འདུག།

།གསར་འགོད་པ། བློ་བཟང་རྒྱ་མཚོ།

Leave a Reply

Your email address will not be published.

Previous Story

Aim and Objectives

Next Story

ཨ་རིའི་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་པར་བརྗོད།

Latest from Blog

རྡང་ཆུ་གཙང་པོའི་ཁོར་ཡུག་གཏོར་སྐྱོན་ཐད་སེམས་ཚབས་ཆེན་པོས་ཞུ་སྐུལ་བྱེད་མཁན་མཚོ་སྔོན་ཚེ་རིང་ལགས་སུ་འདྲི་རྩད་རྗེས་རང་ཁྱིམ་དུ་བཏང་འདུག

ཕྱི་ཚེས་ ༢༢་ཉིན་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་འདིའི་ཚེས་ ༡༨ ཉིན་ཁྱུང་མཆུ་རྫོང་འབྲེལ་ཡོད་མི་སྣས། རྡང་ཆུ་གཙང་པོའི་ཁོར་ཡུག་གཏོར་སྐྱོན་ཐད་སེམས་ཚབས་ཆེན་པོས་ཞུ་སྐུལ་བྱེད་མཁན་མཚོ་སྔོན་ཚེ་རིང་ལགས། ས་གནས་སྲིད་གཞུང་དུ་སྡེ་བའི་མི་སྣ་ཆེ་གྲས་ཁག་དང་ལྷན་འབོད་འགུག་གིས། མཚོ་སྔོན་ཚེ་རིང་ལགས་ཀྱི་ཞུ་སྐུལ་དང་འབྲེལ་བའི་བསམ་ཚུལ་ལ་ཉན་ཞིབ་རྗེས། མཚོ་སྔོན་ཚེ་རིང་ལགས་འཛིན་བཟུང་དང་ངན་བྱུས་རིགས་གང་ཡང་མེད་པར་ཕྱིར་རང་ཁྱིམ་དུ་བཏང་ཡོད་པ་དང་།

ཨ་རིའི་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་པར་བརྗོད།

ཨ་རིའི་གཞུང་ཚབ་ཆེན་མོ་བོད་ཀྱི་རིག་གཞུང་འཁྲབ་སྟོན་གྱི་མཛད་སྒོའི་སྐུ་མགྲོན་དུ་ཕེབས་ནས་ཨ་རིའི་གཞུང་གིས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ནན་བརྗོད་གནང་ཡོད་འདུག

Aim and Objectives

The Association of Tibetan Journalists is an independent non-profit making organisation whose aims are to: Facilitate free, fair and accurate delivering of information regarding activities relating to the Tibetan community, both within
Go toTop